༉ ད་རིས་ ག་ནི་བ་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འབྲེལ་ ང་བཅས་བསོད་ནམས་ཐང་སློབ་གྲྭ་ལྟེ་བ་ནང་ལུ་ འབྲུག་གཞུང་ ཀོ་ཝིད་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ དམིགས་སེལ་གྱི་ལས་རིམ་ཁག་གསུམ་དེ་ཅིག་འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།
དེ་ཡང་ དང་པ་ གཟའ་སྐར་ཕུན་སུམ་ཚོགསཔ་དང་འབྲེལ་ དབྱིན་ལོ་ ༢༠༢༢ ཀྱི་ལོའི་སློབ་སྟོན་གྱི་སྒོ་འབྱེད་ སློབ་དབུ་འཛིན་མཆོག་གིས་སྦེ་མཛད་གནང་ཡི།
གཉིས་པ་ སློབ་གྲྭ་ནང་ལུ་ རྩ་ཅན་གྱི་འགན་ཁུར་འཆང་མི་ སློབ་དཔོན་དང་ལས་བྱེདཔ་ཡོངས་ལུ་ བཀྲིས་པའི་ལེགས་དར་གནང་སྟེ་ཡོདཔ་དང་།
གསུམ་པ་ སློབ་གྲྭ་འདི་གིས་ སློབ་དཔོན་དང་སློབ་ཕྲུག་ཡོངས་ལུ་ ན་གཞོན་དང་འབྲེལ་བའི་ཁྲིམས་དང་ ཁྲིམས་འགལ་འབྱུང་བའི་སྐོར་ལས་ དྲུང་ཁག་ཁྲིམས་ཀྱི་བདག་ཉིད་ དྲག་ཤོས་དྲང་དཔོན་ཆོག་གིས་ སྤྱན་འབུལ་མཛད་དེ་ སློབ་དཔོན་དང་སློབ་ཕྲུག་ཡོངས་ལུ་ཕན་རླམས་ཆེ་ཡི།


